当前课程知识点:藏语言文字学概论 > 第四讲 现行藏文字母(1) > 4.2藏文字母的排列 > 藏文字母的分组
གཉིས་པ།
第二
ཐོན་མའི་ཡི་གེའི་སྒྲིག་ལུགས།
吞弥文字的排列
དེའི་ནང་གི་དང་པོ།
一是
གསལ་བྱེད་ཡི་གེ་སུམ་ཅུ་ཐམ་པའི་སྡེ་པ་སྒྲིག་ལུགས།
三十个辅音字母的排列
གསལ་བྱེད་སུམ་བཅུ་ཐམ་པ་ཡོད་པ།
藏文有三十个辅音字母
ཀ་ནས་ཨ་ཡི་བར་གྱི་ཡི་གེ་རེ་རེ་བར་ཚེག་གིས་
如果从ཀ至ཨ的字母之间
མ་བཅད་པར་གཅིག་འཕྲོར་གཅིག་བཀླག་ན་ཡང་ཆོག་ལ།
不用音节分割符依次排列
དེ་ལྟར་སྒྲིག་ན་ཡང་ཆོག་པ་རེད།
也可那样读出来
ཡིན་ན་ཡང་།
但是
བོད་ཀྱི་ཡི་གེ་གསལ་བྱེད་སུམ་བཅུ་ཐམ་པ་ནི་དེ་ལྟར་མ་མཛད་པར་།
藏文的三十个辅音字母不那样排列
ཡི་གེ་བཞི་རེ་བཞི་རེ་སྡེ་པ་གཅིག་ལ་བགོས་པ་ནི།
以四个字母为一组
བོད་ཀྱི་ཡི་གེ་ལ་སྡེ་པ་བགོས་པ་དེ་ཡང་།
编为一个字母组
དཔེ་བལྟ་སའི་རྒྱ་གར་གྱི་ཡི་གེ་ལ་སྡེ་པ་བགོས་པ་དང་མི་མཚུངས་པ་སྟེ།
这与印度的字母排列不同
རྒྱ་གར་གྱི་ཡི་གེ་ལ།
印度的字母
གསལ་བྱེད་སུམ་ཅུ་སོ་བཞི་སྡེ་པ་རུ་བགོས་པ་དང་།
每五个辅音字母为一组
སྡེ་པ་ལ་མ་བགོས་པ་རིགས་གཉིས་ཡོད་པ་རེད།
也有不编入字母组的字母
དེའི་ནང་ནས་ཡ་ར་ལ་ཝ།
即ཡ་ར་ལ་ཝ和
ཧ་ཥ་ས་ཧ།
ཧ་ཥ་ས་ཧ等字
ཀྵ་ཞེས་པ་དག་ནི་སྡེ་པ་དག་གི་མཐའ་མ་ན་ཡོད་པའི་དབང་གིས།
以及ཀྵ字不在字母组内
མཐར་གནས།
近位字
དྲོ་བའི་ཡི་གེ
透气字母
མཐར་ཟད་ཀྱི་ཀྵ་ཡིག་ཞེས་པའི་མིང་བཏགས་པ་མ་གཏོགས།
末位字等命名之外
སྡེ་པ་དག་གི་མིང་འདོགས་ཀྱིན་ཡོད་པ་མ་རེད།
没有分组单位及其名称
སྡེ་པ་ཡི་མིང་དུ་བཏགས་པ་ལ་ཡང་སྡེ་པ་སྔོན་མ་ལྔ་སྟེ།
纳入分组的只有前五组
དེའི་སྡེ་པ་རེ་རེ་ལ་ཡི་གེ་ལྔ་རེ་ལྔ་རེ་ཡོད་པ་རེད།
每五个字母组成一个单位
དེ་ལ་བརྗོད་ལུགས་ཀྱི་དབང་གིས།
在名称上
ཀུ་ཙུ་ཊུ་དུ་པུ་ཞེས་པའི་སྡེ་པར་བགོས་པ་རེད།
依此用ཀུ་ཙུ་ཊུ་དུ་པུ的叫法
ཡིན་ན་ཡང་།
但是
རང་རེའི་བོད་པའི་ཡི་གེ་ལ།
藏文字母
སྔོན་བོད་པའི་ཆབ་སྲིད་ཀྱི་ལམ་ལུགས་ལ།
遵循早期的政治制度中
མི་གྲངས་ཆ་སྙོམས་བརྩི་བའི་སྐབས་སུ།
以平均计量单位为依据
མི་གྲངས་བཞི་རེ་དུད་ཁྱིམ་གཅིག་ཏེ།
平均每四人计为一户
ཁྱིམ་ཚང་གཅིག་ལ་མི་གྲངས་བཞི་རེ་བཞི་རེ་བགོ་ལུགས་ཡོད་པ་བཞིན།
每个家庭由四个人口构成的做法
དེ་ལྟ་བུའི་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་མཐུན་པར།
仿照这样的社会组织方式
གསལ་བྱེད་ཀྱི་ཡི་གེ་འདི་དག་ཐམས་ཅད་སྡེ་པ་ལ་བགོ་བའི་སྐབས་སུ།
将所有辅音纳入分组单位之内
ཡི་གེ་བཞི་རེ་བཞི་རེ་སྡེ་པ་རུ་བགོས་ཏེ།
每四个字母为一组
མཐའ་མ་ཧ་དང་ཨ་གཉིས་སྡེ་པ་གཅིག་ལ་མ་ལོང་བའི་དབང་གིས།
末尾的ཧ和ཨ不够一个完整的单位
སྡེ་པ་ཕྱེད་ཀ་ཞིག་ལ་བརྩིས་པ་རེད།
只好将其算作半组
དེ་འདྲ་ཡིན་ན།
因此
བོད་ཀྱི་ཡི་གེ་ལ་ཡི་གེ་བཞི་རེ་བཞི་རེ་བགོས་པའི་སྡེ་པ་ཆ་ཚང་བདུན་དང་།
藏文辅音字母分为完整的7个组
ཕྱེད་ཀ་ཞིག་དང་བཅས་ཏེ་ཁྱོན་བསྡོམས་པས་བརྒྱད་དུ་བགོས་པ་རེད།
连同不完整的一组共计八组
དེ་ལྟར་བྱས་པའི་ནང་གསེས་སུ་ཡང་།
与此同时
སྡེ་པ་རེ་རེ་ཡི་ཡི་གེ་དང་པོ་དག་སྒྲ་གདངས་དྲག་པ།
将每组中的打头字母均为阳性字
གཉིས་པ་དག་སྒྲ་གདངས་བར་མ།
第二个字母为中性字
གསུམ་པ་དག་སྒྲ་གདངས་ཞན་པ།
第三个字母为阴性字
བཞི་པ་དག་སྒྲ་གདངས་ཤིན་ཏུ་ཞན་པའི་ཁྱད་པར་དུ་བྱས་ཤིང་།
第四个字母为极阴性字加以区分
དེ་ལྟར་བགོས་པའི་རྒྱུ་མཚན་གང་ལ་ཐུག་པ་རེད་ཟེར་ན།
如此分类的依据是什么呢
ཡི་གེ་དེ་དག་གི་འཇུག་ཡུལ་དང་།
这些文字的用途和
ནང་སྒོས་སུ་ཡི་གེ་དེ་དག་གི་སྦྱོར་ལུགས་ལ་རྨང་གཞི་བརྟན་པོ་བཏང་བ་རེད།
特别为文字搭配奠定了坚实基础
ངེད་ཅག་གི་ཤེས་གསལ་ལྟར་དུ།
依我们所知
འགྲོ་བ་མིའི་རིགས་ལ་ཁྱིམ་ཚང་ཞེས་པའི་སྤྱི་ཚོགས་གི་སྒྲིག་འཛུགས་ཤིག་བཙུགས་པ་དེ་ནི།
人类以家庭的方式组成一个社会单位
ཁྱིམ་ཚང་གང་ཞིག་གི་ནང་དུ་བསྒྲུབ་འོས་པའི་བྱ་བ་དང་།
无论任何家庭都有惯性的习俗
བསྒྲུབ་མི་དགོས་པའི་བྱ་བ་ཡོད་པ་རེད།
什么该做什么不该做
དེས་ན་ཡི་གེ་ལ་ཡང་སྡེ་པ་ཞིག་བགོས་པས།
将文字也分为组别单位
ཡི་གེ་དེ་དག་སྦྱོར་བའི་སྐབས་སུ།
在字母搭配过程中
སྡེ་པ་རང་གི་ནང་ཁུལ་དུ་ཅི་ལྟར་བྱེད་པ་དང་།
组别内部如何运行
སྡེ་པ་གཞན་དང་གཞན་གྱི་བར་ན་འབྲེལ་བ་ག་འདྲ་ཞིག་ཡོད་པ་གསལ་བར་སྟོན་པའི་ཕྱིར་རེད།
其它组别以及彼此之间有何种关系
དེ་ལྟར་བྱས་པས།
那样
བོད་པའི་ཆབ་སྲིད་ཀྱི་ལམ་ལུགས་དང་།
与藏族社会的制度以及
བོད་མི་རྣམས་ཀྱི་འཚོ་བའི་གོམས་སྲོལ་དག་ཡི་གེ་ལ་སྦྱར་བ་དང་།
藏民族共同的生活习俗呈现在字母上
ཡི་གེ་དེ་ཉིད་ཀྱིས་ཡི་གེ་བཀོལ་སྤྱོད་བྱེད་པའི་བོད་པ་
通过藏文字母的搭配
རྣམས་ཀྱི་འཚོ་བའི་གོམས་སྲོལ་མཚོན་པའི་དབང་གིས།
了解藏民族的生活习俗
འཚོ་བའི་གོམས་སྲོལ་ལ་ཡོད་པ་ནི།
生活中有的
ཡི་གེ་ཡི་སྦྱོར་བ་ལ་ཡོད་པ་དང་།
文字中也能体现出来
ཡི་གེ་ཡི་སྦྱོར་བ་ལ་མི་རུང་བ་ནི།
在文字搭配中不可有的
བོད་པ་རྣམས་ཀྱི་འཚོ་བའི་གོམས་སྲོལ་ལ་ཡང་མི་རུང་བ་རེད།
在藏人的生活习俗中不会存在
དེ་ལྟར་བྱས་ཏེ།
为此
གསལ་བྱེད་ཡི་གེ་སུམ་བཅུ་ཐམ་པ་ཡོད་ཚད་སྡེ་པ་ལ་བཅད་པ་ནི་
将三十个辅音字母统统编组
ཤིན་ཏུ་གལ་ཆེན་ཞིག་རེད།
这很重要
དེ་ལྟར་བྱས་པ་ནི་གང་རེད་ཟེར་ན།
这是为何呢
ཡི་གེ་གང་དང་གང་ཞིག་ཡིན་རུང་།
无论任何文字
སྡེ་པར་བགོས་བའི་དབང་གིས།
纳入组别单位之中
དེ་ལ་བདག་པོ་རྒྱག་མཁན་ཡོད་པ་དང་།
自然就有一定的规矩可守
ཡི་གེ་ཡོད་ཚད་སྡེ་པ་ལ་བགོས་པའི་དབང་གིས།
给所有字母编组
དེ་དག་ཐམས་ཅད་འདྲ་མཉམ་ཡིན་པའི་དོན་ཞིག་མཚོན་གྱིན་འདུག
方能体现所有字母的同等性
དེ་འདྲ་མ་ཡིན་པར་
与此相反
ཡི་གེ་ལ་ལ་སྡེ་པར་བགོས་པ་དང་།
有些被字母纳入到单位之内
ཡི་གེ་ལ་ལ་སྡེ་པར་མ་བགོས་ན།
而有些字母排斥在外
ཡི་གེ་དག་འདྲ་མཉམ་མ་ཡིན་པ་དང་།
就显得字母之间的不平等
ཡི་གེ་དེ་དག་གི་སྦྱོར་ཚུལ་ལ་ངེས་པ་བསྐྱེད་པར་དཀའ་ཁག་ཡོད་པ་རེད།
也对字母的搭配带来规则不一的问题
སྤྱིར་འགྲོ་བ་མིའི་རིགས་ནི་རང་གི་ཨ་མ་དང་།
如同人类繁衍
ཕ་ཡི་རྒྱུད་ལ་བརྟེན་ནས་མིའི་རིགས་རྒྱུད་མཆེད་པ་ཡིན་པ་དེ་ལྟར་དུ།
依赖父母传宗接代那样
ཡི་གེ་ཡི་སྡེ་པ་སྒྲིག་ལུགས་འདི་ཡང་།
字母的排列也有
ཡི་གེ་དེ་དག་རང་རང་གི་སྐྱེ་གནས་དང་།
各自不同的发音部位
བྱེད་རྩོལ་གྱི་ཁྱད་པར་ལྟར་དུ།
气流走向有别的情形
སྐྱེ་གནས་མཐུན་པ་སྡེ་པ་གཅིག་ལ་བགོས་པ་རེད།
出于同一个发音部位的字母编为一组
དཔེར་ན།
例如
ཀ་ཁ་ག་ང་ཞེས་པའི་ཀ་སྡེ་ཡི་གེ་དེ་ནི།
ཀ་ཁ་ག་ང编为ཀ组
སྐྱེ་གནས་མགྲིན་པ་ཡིན་པ་དང་།
它们均发自喉咙部位
ཅ་ཆ་ཇ་ཉའི་སྐྱེ་གནས་རྐན་ཡིན་པ།
ཅ་ཆ་ཇ་ཉ的发音部位是上颚
དེ་དང་འདྲ་བར་
与此相同
ཏ་ཐ་ད་ན་ཡི་སྐྱེ་གནས་དེ་སོ་ཡིན་པ་དང་།
ཏ་ཐ་ད་ན发自齿位
པ་ཕ་བ་མ་དག་ནི་མཆུ་ཡིན་པ་རེད།
པ་ཕ་བ་མ来自唇部
དེ་འདྲ་ཡིན་ན།
就这样
མི་ལ་སྐྱེས་ཁུངས་ཀྱི་དབང་གིས།
如同人类源于家庭
ཁྱིམ་ཚང་གི་རིམ་པ་སྒྲིག་ལུགས་དང་།
家庭的定制
བགོ་ལུགས་ཡོད་པ་དེ་ལྟར་དུ།
长幼有序那样
ཡི་གེ་ལ་ཡང་སྐྱེ་གནས་ཀྱི་སྒོ་ནས་སྡེ་པར་བཅད་པ་ནི་གཅིག་མཚུངས་རེད།
字母亦是根据发音部位划分组别
དེ་ལྟར་བྱས་པས།
如此
སྡེ་པ་བགོས་པ་འདི་ཡང་།
字母的组别
ད་ལྟ་ང་ཚོས་ཤེས་གསལ་ལྟར་དུ།
就像我们所知的那样
ཨིན་ཇིའི་་ཡི་གེ་ལ་ABCDཞེས་པ་དག་དང་པོ་ན་ཡོད་པ་རེད།
英文字母的ABCD排在最前位
འོན་ཀྱང་།
但是
བོད་ཡིག་ལ་དེ་དག་ཐམས་ཅད་དང་པོར་མ་བཞག་པ་རེད།
藏文中唇部的字母不在前面
རྒྱུ་མཚན་ནི།
原因是
ཁ་ནས་དབུགས་འབྱིན་རྔུབ་ཀྱི་ཚུལ་དང་བསྟུན་པ།
是依照气从由内向外呼出的方式来定的
ཕྱི་རུ་བཤད་འགྱུར་ལྟར་དུ།
正如下面讲到的
སྡེ་པ་བགོ་ལུགས་འདི་ལ་ཡང་།
字母的分类
གོང་དུ་བཤད་པ་ལྟར་
如前面所说
ཆབ་སྲིད་ཀྱི་སྒྲིག་འཛུགས་ཀྱི་ཁྱད་པར་ཞིག་ཡོད་པར་མ་ཟད།
不但有社会设置的特点
ད་དུང་དབུགས་འབྱིན་རྔུབ་ཀྱི་རིམ་པའི་ཁྱད་པར་ཞིག་ཀྱང་ཡོད་པ་རེད།
而且还有呼吸的顺序排列
གཉིས་པ།
二是
གསལ་བྱེད་ཡི་གེའི་སྒྲིག་རིམ།
辅音字母的排列
དེའི་ནང་ནས་ཐོག་མར་བཤད་དགོས་པ་ནི།
首先要讲的是
དབྱངས་ཡིག་གི་སྒྲིག་རིམ་དེ་རེད།
元音的排列
བོད་ཀྱི་ཡི་གེ་ལ་དབྱངས་ཡིག་བཞི་ཡོད་པ་དེ་ནི།
藏文的四个元音
དབྱངས་ཡིག་ཡི་གེ་འདི་ལ་སྒྲ་གདངས་དང་།དེ་དག་གི་མིང་།
元音通常具备音调名称
དབྱིབས་གཟུགས་ཀྱི་་མཚོན་རྟགས་བཅས་རྣམ་པ་གསུམ་འདུག
字符三个特征
དེའི་ནང་ནས་ཨི་ཨུ་ཞེས་པ་དེ་གཉིས་དང་པོ་ལ་བཞག་པ་ནི།
其中将ཨི་ཨུ两个元音置于首位是
ཕྱི་མ་ཨེ་ཨོ་ཞེས་པའི་སྒྲ་གཉིས་སྐྱེད་བྱེད་ཀྱི་རྒྱུ་རེད།
从中引申ཨེ་ཨོ元音有关
དེ་ལ་སྒྲ་གཞུང་དུ།
在声韵学理论中
ཨ་དང་ཨི་ལ་ཨེའོ་ཟེར་བ་དང་།
ཨ与ཨི组合成为ཨེ的音
ཨ་དང་ཨུ་ལ་ཨོའོ། །
ཨ与ཨུ组合是ཨོ的音
ཞེས་པའི་ཨེ་དང་ཨོ་གཉིས་རིམ་པ་བཞིན་ཨི་ཨུ་ཞེས་པའི་སྒྲ་ལས་བྱུང་བ་མཚོན་པ་རེད།
这样ཨེ和ཨོ依次由ཨི和ཨུ中派生出来的
འདི་འདྲ་ཡིན་ན།
由此
དབྱངས་བཞིའི་ཡི་གེ་འདི་དག་ལས།
四个元音字母中
སྔ་མ་གཉིས་ཀ་མ་ལྟ་བུ་དང་།
前面的两个如同母音
ཕྱི་མ་གཉིས་ཀ་བུ་ལྟ་བུའི་རིམ་པ་ཡོད་པ་རེད།
后面的两个如同子音
ལྷག་པར་བོད་ཡིག་ལ་དབྱངས་ཡིག་དངོས་ནི་ཨེ་ཨུ་ཨེ་ཨོ་ཞེས་པའི་སྒྲ་དག་ཡིན་པ་དང་།
特别是藏语的元音是ཨེ་ཨུ་ཨེ་ཨོ的读音
སྒྲ་དེ་དག་གི་མཚོན་རྟགས་ནི།
这四个读音
གི་གུ ཞབས་ཀྱུ། འགྲེང་བུ། ན་རོ་ཞེས་པའི་རི་མོ་དག་ཡིན།
分别以གི་གུ 、ཞབས་ཀྱུ།、འགྲེང་བུ།和ན་རོ表示
རི་མོ་དེ་དག་ལ་མིང་ཞིག་བཏགས་པ་ནི་ད་གཟོད་གི་གུ
这些符号分别取名为为གི་གུ
ཞབས་ཀྱུ། འགྲེང་བུ། ན་རོ་ཞེས་པ་ཡི་མིང་དེ་རིགས་རེད།
ཞབས་ཀྱུ、འགྲེང་བུ།和ན་རོ་
གཉིས་པ་ནི།
第二是
གསལ་བྱེད་སུམ་ཅུ་ཐམ་པ་ཡི་སྒྲིག་ལུགས་ནི།
三十个辅音字母的排列
གོང་དུ་བཤད་པ་ལྟར་དུ་།
如上所述
གསལ་བྱེད་ཡི་གེ་སུམ་ཅུ་ཐམ་པ་སྡེ་པ་ལ་བགོས་པ་ནི།
将三十个辅音字母分为组别
སྐྱེ་གནས་ཀྱི་སྒོ་ནས་སྡེ་པ་ལ་བགོས་པ་རེད།
是按照按发音部位来区分
འོ་ན་སྐྱེ་གནས་ཀྱི་སྒོ་ནས་སྡེ་པ་ལ་བགོས་པ་ཡིན་ན།
如按发音部位来区分
ཀ་སྡེ་སྡེ་པ་དང་པོ།
ཀ组列为第一组
ཅ་སྡེ་སྡེ་པ་གཉིས་པ།
ཅ组为第二组
ཏ་སྡེ་སྡེ་པ་གསུམ་པ།
ཏ组为第三组
པ་སྡེ་སྡེ་པ་བཞི་པ་ལ་བཞག་པའི་རྒྱུ་མཚན་གང་རེད་ཟེར་ན།
པ组为第四的原因在于
མི་སུ་དང་སུ་ཞིག་ཡིན་རུང་།
任何人
ཨ་མ་ཡི་མངལ་ལས་སྐྱེས་མ་ཐག་ཏུ་
脱离母亲胚胎降生之时
རང་གི་ཁོག་པ་ནང་ན་ཡོད་པའི་དབུགས་ཕྱི་ལ་འབྱིན་དགོས་པ་རེད།
以一声啼哭将腹气排出
དབུགས་གང་ཞིག་ཕྱི་ལ་འབྱིན་པ་ནས་།
开始了内气的呼出
ཕྱི་ཡི་དབུགས་ནང་ལ་རྔུབ་པའི་འགོ་བརྩམ་པ་རེད།
和外气的吸入
ནང་གི་དབུགས་ཕྱི་ལ་འབྱིན་པའི་སྐབས་སུ།
把内气向外呼出时
རིམ་པ་བཞིན་ཁོག་པ་ནས་མགྲིན་པ།
依次通过腹部呼到喉部
དེ་ནས་རྐན། སོ། མཆུ་ཞེས་པ་ཡི་རིམ་པ་འདི་བྱུང་བ་དང་།
再到鄂部齿部和唇部呼出后
ཡང་ཕྱི་ཡི་དབུགས་ནང་ལ་རྔུབ་པའི་སྐབས་སུ།
在将外气向内吸入时
ཡང་རིམ་པ་བཞིན་དུ།
依次
མཆུ། སོ རྐན། མགྲིན་པའི་ནང་ལ་སྡུད་པ་རེད།
通过唇部齿部鄂部和喉部吸入的
དེ་འདྲ་ཡིན་ན།
就这样
དབུགས་འབྱིན་རྔུབ་ཐེངས་གཅིག་ལ་ཁོག་པའི་ནང་ནས་ཕྱི་ལ་འབྱིན་པ་དང་།
内气的呼出和外气的吸入
ཕྱི་ཡི་དབུགས་ནང་ལ་རྔུབ་པ་དེ་ལྟར་དུ།
有一定的顺序那样过程
གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་ཐམ་པ་ཡི་རིམ་པ་སྒྲིག་ལུགས་འདི་ལ།
三十个辅音字母的排列
དབུགས་ཀྱི་འབྱིན་རྔུབ་ཀྱི་ཁྱད་པར་ཞིག་ཡོད་པ་ནི་དང་པོ་རེད།
有气的呼出吸入顺序是其一
གཉིས་པ།
其二
སྒྲ་གདངས་འབྱིན་ཚུལ་གྱི་ཁྱད་པར་ཞིག་འདུག་པ་ནི།
字母的读音也有区别
གསལ་བྱེད་ཀྱི་སྡེ་པ་སྔ་མ་ལྔ་སྟེ།
辅音字母的前五组
ཙ་སྡེ་ཡན་ཆད་ཀྱི་ཡི་གེ་དག་ལས།
ཙ组之前的字母中
དང་པོ་རྣམས་དྲག་པ།
第一个字均为阳性字
གཉིས་པ་རན་པ།
第二个字为中性字
གསུམ་པ་ཞན་པ།
第三个字为阴性字
བཞི་པ་ཤིན་ཏུ་ཞན་པ་ནི་
第四个字均为极阴性字
སྒྲ་གདངས་འབྱིན་ཚུལ་ལ་རིམ་པ་གསལ་པོ་ཡོད་་པ་ཡིན་ལ།
每个字母的读音有明显的区别
དེ་དག་གི་རྗེས་སུ།
它们之后
ཝ་ནས་ཨ་ཡི་བར་དུ་སྒྲ་རྩོལ་ཞན་པའི་སྒོ་ནས་འབྱིན་པ་
ཝ至ཨ之间的字母读都是阴性字
དེ་ཡང་གསལ་བྱེད་ཀྱི་སྟོད་ཀྱི་ཡི་གེ་བཅུ་
之前的十九个字母
དགུ་ལ་སྒྲ་རྩོལ་གྱི་རིམ་པ་གསལ་པོ་ཡོད་པ་དང་།
有八个字的读音差异
དེའི་འཕྲོ་ན་ཡོད་པའི་ཡི་གེ་བཅུ་གཅིག་ནི།
剩余十一个字母
སྒྲ་རྩོལ་ཞན་པའི་སྒོ་ནས་འབྱིན་པའི་རིམ་པ་ལྟར་སྒྲིག་པ་ནི་གཉིས་པ་རེད།
依次按照阴性字的弱势音呼出
གསུམ་པ།
其三
གསལ་བྱེད་ཀྱི་སྡེ་པ་ཐོག་མ་དག་ནི།
辅音字母的前几组
བོད་པའི་སྐད་ཆའི་ནང་དུ་སྤྱོད་སྒོ་ཤིན་ཏུ་ཡངས་པ་མཚོན་པ་དང་།
藏语中使用频率高
སྤྱོད་སྒོ་ཅུང་ཟད་ཆུང་བའི་ཡི་གེ་དག་རྗེས་མ་ན་ཡོད་པ་རེད།
使用频率相对低的文母放置于后面
དེས་ན་ད་ལྟ་ངེད་ཅག་གིས་མིང་མཛོད་བརྡ་བཀྲོལ་ལ་སོགས་པ་ལྟ་བའི་སྐབས་སུ་ཤེས་པ་ལྟར་དུ།
那么我们在查阅词典时能够发现
ཀ་སྡེ། ཅ་སྡེ། ཏ་སྡེ།
ཀ组ཅ组和ཏ组
པ་སྡེ་ལ་སོགས་པའི་སྡེ་པ་ཐོག་མ་བཞི་མིང་གཞི་ལ་བརྟེན་པའི་
པ组等前面的四组为字根的
མིང་བརྡ་ཤིན་དུ་མང་པོ་ཡོད་པ་རེད།
词量相对丰富
ཛ་ཡིག་མན་ཆད་ཀྱི་ཝ་ནས་བཟུང་ཨ་ཡི་བར་དུ།
ཛ字母以下开始ཝ至ཨ之间
མིང་མཛོད་བརྡ་བཀྲོལ་སོགས་ཀྱི་ནང་དུདེ་ལ་བརྟེན་པའི་མིང་ཧ་ཅང་ཉུང་ཉུང་རེད།
在各种词典中充当字根的词汇非常少
དེའི་ནང་ནས་ས་ཡིག་ནི་གཞན་པ་དང་ཅུང་ཟད་མི་འདྲ་ཞིང་།
其中ས字母稍有不同
དེའི་རྒྱུ་མཚན་ནི།
原因在于
བོད་པའི་ཡི་གེ་ཡི་དབང་དུ་བཏང་ན།
以藏文字为例
སྡེ་པ་ཕྱི་མའི་ནང་དུ་འཇུག་པ་ཅུང་ཟད་མང་བ་ནི་ས་ཡིག་ཁོ་ན་རེད།
放在后面的字母中ས 字的用途较广
ས་ཡིག་མགོ་ཅན་ལ་འཇུག་པ་མང་བ་དང་།
ས字用于上加字
ས་ཡིག་རྗེས་འཇུག་ལ་འཇུག་པ་མང་བ།
也可以当作后置字的地方较多
ནང་སྒོས་སུ།
尤其是
ད་ལྟ་ད་དུང་ས་ཡིག་ཅན་གྱི་ཡང་འཇུག་ཡོད་པའི་དབང་གིས།
现在仍有很多带有ས字又后置字的缘故
ས་ཡིག་གི་ཡི་གེ་འདི་སྤྱོད་སྒོ་ཡངས་པ་རེད།
ས字的用途相对广泛
རྒྱུ་མཚན་འདི་འདྲ་ཡིན་ན།
基于这样的原因
མིང་གཞི་གསལ་བྱེད་སུམ་ཅུ་ཐམ་པའི་རིམ་པ་སྒྲིག་ལུགས་འདི་ལ།
三十个辅音字母的排列上
འཇུག་པ་ཡངས་དོག་གི་ཁྱད་པར་ཡོད་པ་དང་།
有明显的用途多寡之区别
འཇུག་པ་མང་བའི་ཡི་གེ་དག་སྔ་མ་དང་།
用途多的字母排在前面
འཇུག་པ་ཉུང་བའི་ཡི་གེ་དག་ཕྱི་མ་ན་ཡོད་པ་ནི་གསུམ་པ་རེད།
而用途较少的字母排在后面的位置
བཞི་པའི་དབང་དུ་བཏང་ན།
其四
ཡི་གེ་འདི་ལ་གོང་གི་བཤད་པ་ལྟར་དུ།
如上所述
སློབ་དཔོན་ཐོན་མི་སམྦྷོ་ཊ་མཆོག་གིས། རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་ཏེ།
妥弥桑布札参照印度文字创造时
ཡི་གེ་འགའ་ཞིག་རྒྱ་གར་བཞིན་སྔོན་གྱི་སོ་ན་བཞག
有些字母依旧放到前面
ཡི་གེ་འགའ་ཞིག་རྒྱ་གར་ན་མེད་པ་བོད་ལ་གསར་དུ་བསྣན་པ་དང་།
有些字母是藏文中新增的
གསར་དུ་བསྣན་པ་དེ་དག་སྡེ་པ་ཕྱི་མ་ན་ཡོད་པ་རེད།
而新增的字母基本上排在后面
དེ་དག་ཕྱི་མ་ན་ཡོད་པ་ནི་སྡེ་པ་ལྔ་པ་སྟེ།
它们都在第五组及其之后
ཙ་སྡེ་རུ་ཙ་ཚ་ཛ་ཝ།
即ཙ组中的ཙ་ཚ་ཛ་ཝ四个字母
དེ་ནས་ཞ་ཟ་འ་བཅས་སྡེ་པ་གཉིས་ཀྱི་ནང་དུ་བསྡོམས་པས་ཡི་གེ་བདུན་ཡོད་པ་རེད།
再次是ཞ་ཟ་འ三个字母共计七个字母
དེ་ལྟ་བུའི་ཡི་གེ་བདུན་པོ་དག་སྡེ་པ་ཕྱི་མ་ན་ཡོད་པའི་དབང་གིས།
这七个字母排在后面的原因是
སྡེ་པ་སྔ་མ་དག་ནི་རྒྱ་གར་གྱི་སྐད་ན་ཡོད་པའི་
排在前面的字母都是印度字母文中
ཡི་གེ་དེ་དག་ཡིན་པ་ལ།
已有的字母
སྡེ་པ་ཕྱི་མ་དག་ནི།
排在后面的字母
རྒྱ་གར་གྱི་ཡི་གེ་མ་ཡིན་པ།
不在印度字母之内
བོད་ལ་གསར་དུ་བསྣན་པ་དང་།
二是为藏语的需要新增加的
ཡང་ན།
或者是
རྒྱ་གར་གྱི་དབྱངས་ཡིག་ཡིན་པའི་ཨ་ཡིག་བོད་ཡིག་ལ་གསལ་བྱེད་ཀྱི་གྲས་སུ
印度字母中的元音ཨ字纳入辅音后
བཞག་པ་ཡིས་དོན་དེ་མཚོན་པ་རེད།
放在后面就是这个道理
ལྔ་པའི་དབང་དུ་བཏང་ན།
其五
དེ་ལྟ་བུའི་གསལ་བྱེད་ཀྱི་རིམ་པ་སྒྲིག་ལུགས་ལ་གནས་ལུགས་གསལ་པོ་ཞིག་ཡོད་པ་ལས།
辅音字母的排列是有很多依据的之外
ད་རུང་གང་ཡོད་པ་རེད་ཟེར་ན།
还有这样的情况
རྒྱ་གར་གྱི་ཡི་གེ་ལ་ཡ་ར་ལ་ཝ་དག་སྡེ་པར་མ་བསྡུས་པར་
印度字母中的ཡ་ར་ལ་ཝ等没有组别名
མཐར་གནས་ཀྱི་ཡི་གེར་བྱས་པ་དང་།
分放置于后面
ཤ་ཥ་ས་ཧ་ནི་དྲོ་བའི་ཡི་གེ་ཡིན་པ་ལ།
ཤ་ཥ་ས་ཧ字系透气字母
བོད་ཡིག་ལ་སྡེ་པའི་གྲས་སུ་བཙུད་པ་རེད།
而在藏文中纳入了组别之内
ཡིན་ན་ཡང་།
但是
རྒྱ་གར་གྱི་སྡེ་པའི་གྲས་སུ་མ་ཚུད་པའི་མཐར་གནས་དང་།
印度字母中不在字母组别之内的
དྲོ་བའི་ཡི་གེ་དེ་དག་བོད་ཀྱི་ཡི་གེ་ལ་སྡེ་པའི་གྲས་སུ་དྲངས་ཀྱང།
透气字母同样纳入了字母组别中
ཡི་གེ་དེ་དག་བོད་ཀྱི་གསལ་བྱེད་ཀྱི་སྡེ་པ་དག་གི་ཡང་ཕྱི་མ་ན་ཡོད་པ་མ་གཏོགས།
但是这些字母在藏文仍然排在后面
སྔོན་མ་ན་ཡོད་པ་མ་རེད།
而不是在前面的位置
རྒྱུ་མཚན་དེ་འདྲ་ཡི་དབང་གིས།
因为有的道理
གསལ་བྱེད་སུམ་ཅུ་ཐམ་པའི་རིམ་པ་སྒྲིག་ལུགས་ལ།
三十个辅音字母排列
གནས་ལུགས་གསལ་པོ་ཞིག་ཡོད་པ་ཤེས་ཐུབ་པའོ། །
是有明显的参照依据的
-课程导学
--课程导学
-1.1藏文产生的社会条件
-1.2广义藏文和狭义藏文的界定
--广义藏文
--狭义藏文
-1.3现行藏文与藏语的关系
--藏语的特点
--藏文的表现形式
-1.4藏文发展的时段划分
-章节测验--作业
-2.1 结绳达意的方式
--结绳字的产生
--结绳字的构件
-2.2 结绳达意的特点
--结绳字的数量
--结绳字的特点
-2.3 结绳达意的用途
--结绳字的内容
--结绳字的用途
-2.4 结绳达意的消亡
--结绳字的消亡原因
-章节测验--作业
-3.1象雄文字的性质
--象雄文字的性质
-3.2象雄文字的特点
--象雄文字的搭配
--象雄文字的特点
-3.3象雄文字的作用
--象雄文字的达意
-3.4象雄文字的消亡
-章节测验--作业
-4.1藏文字母及其读音
--藏文字母的设定
-4.2藏文字母的排列
--藏文字母的分组
--藏文字母的排列
-4.3藏文字母的分类
--藏文字母的分类
--藏文字母的搭配
-4.4藏文字母的形体
--藏文楷体字
--藏文行体字
-章节测验--作业
-5.1藏文字母的性别
-5.2藏文字母的意义
--藏文字母的构件
--藏文字母的意义
-5.3藏文字母的特点
--藏文的书写特点
--藏文的读音特点
-5.4藏文可读字数的统计
--藏文可读字的统计
--藏文的发展前景
-章节测验--作业
-6.1藏文正字学的建立
--藏文正字学的构建
-6.2藏文译语字的设定
-6.3藏文词语的厘定
-6.4藏文虚字的厘定
--部分虚字的增加
-章节测验--作业
-7.1完整地保存了古藏语的概貌
-7.2极大地提高了藏语的表达功能
-7.3有效地记录了藏语的发展变化
-7.4有效推动了各民族间的文化交流
-章节测验--作业
-8.1梵文的藏文撰写
-8.2八思巴文的仿造
-8.3嘉绒藏字的仿造
-8.4其他藏文艺术字
--藏文艺术字介绍
-章节测验--作业
-9.1藏文垂符符号的发展演变
-9.2藏文虚字的功能分类
-9.3可充当标点符号功能的虚字
-9.4藏文垂符与标点符号的区别
-章节测验--作业





