当前课程知识点:万物互联 >  第7章 云计算 >  第一节 云计算概述 >  云计算概述

返回《万物互联》慕课在线视频课程列表

云计算概述在线视频

下一节:虚拟化技术

返回《万物互联》慕课在线视频列表

云计算概述课程教案、知识点、字幕

大家好 这一讲我们学习云计算
ལྷན་རྒྱས་སྐུ་ཁམས་བཟང་། ཐེངས་འདིར་ང་ཚོས་སྤྲིན་རྩིས་སློབ་སྦྱོང་བྱེད།

本节我们学习云计算概述
ས་བཅད་འདིར་ང་ཚོས་སློབ་སྦྱོང་བྱེད་དགོས་པ་ནི་སྤྲིན་རྩིས་རགས་བཤད་ཡིན།

在日新月异的信息时代
ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་ཆ་འཕྲིན་གྱི་དུས་རབས་འདིར་

随着计算机技术的发展
རྩིས་འཁོར་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས་

云计算已经成为推动社会生产力变革的主导力量
་སྤྲིན་རྩིས་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་སུ་གྱུར་ཡོད།

00:00:41,979 --> 00:00:46,689
是计算机技术和网络技术发展融合的产物
རྩིས་འཁོར་ལག་རྩལ་དང་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་མཉམ་འདྲེས་བྱུང་བའི་ཐོན་དངོས་ཡིན།

云计算我们从以下三个方面来了解
ང་ཚོས་གཤམ་གྱི་ཕྱོགས་གསུམ་ནས་སྤྲིན་རྩིས་ལ་རྒྱུས་ལོན་བྱེད།

首先我们总体来认识一下云计算
ཐོག་མར་ང་ཚོས་སྤྱིའི་ཆ་ནས་སྤྲིན་རྩིས་ལ་ངོས་འཛིན་ཞིག་བྱེད།

什么是云计算
ཅི་ཞིག་ལ་སྤྲིན་རྩིས་ཟེར།

云计算是一种基于互联网的计算方式
སྤྲིན་རྩིས་ནི་དྲ་སྦྲེལ་ལ་གཞིགས་ནས་རྩིས་རྒྱག་སྟངས་ཤིག་ཡིན།

通过这种方式
བྱེད་སྟངས་འདི་འདྲའི་རིགས་ལ་བརྟེན་ནས་

共享的软硬件资源和信息
མཉེན་ཆས་ཐོན་ཁུངས་དང་ཆ་འཕྲིན་མཉམ་སྤྱོད་བྱེད།

可以按需求提供给计算机和其他设备
རྩིས་འཁོར་དང་སྒྲིག་ཆས་གཞན་དག་དགོས་མཁོ་ལྟར་སྤྲོད་ཆོག

云计算的概念在不同的行业当中给出不同的解释
ལས་རིགས་མི་འདྲ་བས་སྤྲིན་རྩིས་མཚན་ཉིད་ཀྱི་འགྲེལ་བཤད་ཡང་མི་འདྲ།

美国国家标准与计算研究院给出
ཨ་རི་རྒྱལ་ཁབ་ཀྱི་ཚད་གཞི་དང་རྩིས་ཞིབ་འཇུག་ཁང་གིས་བཤད་ཚུལ་ནི་

云计算是一种按着使用量计费的模式
སྤྲིན་རྩིས་ནི་བཀོལ་སྤྱོད་ཀྱི་ཚད་བརྩི་བའི་མ་དཔེ་ཤིག་ཡིན་ཟེར།

这种模式提供可用的 便捷的 按需的网络访问
མ་དཔེ་འདིས་བེད་སྤྱོད་བྱེད་ཆོག་པ་དང་། སྟབས་བདེ་པ་དང་དགོས་མཁོ་ལྟར་དྲ་རྒྱ་སྦྲེལ་མཐུད་སྤྲོད་ཐུབ།

进入可配置的计算资源共享池
བཀོད་སྒྲིག་བྱས་ཆོག་པའི་རྩིས་འཁོར་གྱི་ཐོན་ཁུངས་མཉམ་སྤྱོད་རྫིང་དུ་ཞུགས་ཐུབ།

计算机资源共享池资源包含网络
རྩིས་འཁོར་གྱི་ཐོན་ཁུངས་མཉམ་སྤྱོད་རྫིང་ལ་དྲ་རྒྱ་

服务器 存储 应用软件 服务
ཞབས་འདེགས་འཕྲུལ་ཆས། ཉར་གསོག ཉེར་སྤྱོད་མཉེན་ཆས། ཞབས་ཞུ་སོགས་འདུས་ཡོད།

这些资源能够被快速的提供
ཐོན་ཁུངས་འདི་དག་མྱུར་མོས་སྤྲོད་ཐུབ་པ།

只需要投入很少的管理工作
དོ་དམ་ལས་དོན་ཉུང་པ་ཙམ་ཡང་ན་

或者与服务运营商进行很少的交互就可以得到
ཞབས་ཞུའི་གཉེར་སྐྱོང་པ་དང་སྤེལ་རེས་ཧ་ཅང་ཉུང་པ་ཙམ་བྱས་ན་ཐོབ་ཐུབ་།

云计算有如下的特征
སྤྲིན་རྩིས་ལ་གཤམ་གསལ་གྱི་ཁྱད་ཆོས་ཡོད།

特征一按需自助服务
ཁྱད་ཆོས་དང་པོ། དགོས་མཁོ་ལྟར་རང་འདེམས་ཞབས་ཞུ་བྱེད་པ།

在云计算中 客户可以根据业务的需求
སྤྲིན་རྩིས་ནང་དུ་སྤྱོད་མཁན་གྱིས་བྱེད་སྒོའི་དགོས་མཁོར་ལྟར་

自助向云端申请资源
རང་འདེམས་ཀྱིས་སྤྲིན་སྣེ་ལ་ཐོན་ཁུངས་རེ་ཞུ་བྱེད་པ།

如服务器和网络存储设备
དཔེར་ན། ཞབས་འདེགས་འཕྲུལ་ཆས་དང་དྲ་རྒྱའི་གསོག་འཇོག་སྒྲིག་ཆས་ཡིས་

省去了与服务供应商人工交互的过程
ཞབས་ཞུ་མཁོ་འདོན་ཚོང་པའི་མི་ཐབས་ལ་བརྟེན་ནས་སྤེལ་རེས་བྱེད་པའི་བརྒྱུད་རིམ་བསྡུས་ཐུབ།

避免了人力 物力资源的浪费
མི་ཤུགས་དང་དངོས་ཤུགས་ཐོན་ཁུངས་ཆུད་ཟོས་སུ་མི་འགྲོ་བ་བྱས།

提高工作效率 节约成本
ལས་ཆོད་ཆེ་རུ་བཏང་ནས་མ་གནས་གྲོན་ཆུང་བྱེད་པ།

特征二无处不在的网络接入
ཁྱད་ཆོས་གཉིས་པ། གང་སར་གནས་པའི་དྲ་རྒྱ་སྦྲེལ་བ།

云计算的出现
སྤྲིན་རྩིས་བྱུང་བ་ནས་

可以使全球各地的用户借助一些客户端产品
གོ་ལ་ཧྲིལ་པོའི་ས་གནས་ཁག་གི་སྤྱོད་མཁན་གྱིས་ཐོན་རྫས་ཁ་ཤས་ལ་བརྟེན་ནས་

能够通过互联网的访问到云
དྲ་རྒྱས་སྤྲིན་སྣེ་ལ་སྦྲེལ་ཐུབ།

这些客户端的产品包含我们的这个手机端
ཐོན་རྫས་དེ་དག་ནང་ང་ཚོའི་ལག་ཐོགས་ཁ་པར་དང་

Ipad等等的设备
Ipadསོགས་སྒྲིག་ཆས་ཡོད།

获取这些资源所需的资源无处不在
ཐོན་ཁུངས་འདི་དག་ཐོབ་པར་མཁོ་བའི་ཐོན་ཁུངས་གང་སར་ཡོད་པ།

特征三与位置无关的资源池
ཁྱད་ཆོས་གསུམ་པ། གནས་ས་དང་འབྲེལ་མེད་ཀྱི་ཐོན་ཁུངས་རྫིང་།

资源池的这些资源包括存储
ཐོན་ཁུངས་རྫིང་བུའི་ཐོན་ཁུངས་དེ་དག་ནང་གསོག་འཇོག་

处理器 内存 网络带宽等
སྒྲིག་གཅོད་ཆས་དང་ནང་གསོག དྲ་རྒྱའི་ཐགས་ཞེང་སོགས་གཏོགས།

供应商的资源被集中
མཁོ་འདོན་ཚོང་པས་ཐོན་ཁུངས་གཅིག་བསྡུས་བྱས་པ།

以便以多用户租用的模式提供服务
སྤྱོད་མཁན་མང་བས་གླ་བའི་དཔེ་དབྱིབས་ལ་ཞབས་ཞུ་སྟབས་བདེ།

同时不同的物理机和虚拟机资源
དུས་མཚུངས་སུ་མི་འདྲ་བའི་དངོས་ལུགས་འཕྲུལ་ཆས་དང་རྟོག་བཟོས་འཕྲུལ་འཁོར་ཐོན་ཁུངས་ཡིས་

可以根据客户的需求动态分配
སྤྱོད་མཁན་གྱི་དགོས་མཁོ་ལྟར་འགུལ་རྣམ་གྱིས་བགོ་བཤའ་བརྒྱབ་ཆོག

客户一般无需控制或者知道资源的确切的位置
སྤྱིར་སྤྱོད་མཁན་གྱིས་ཐོན་ཁུངས་ལ་ཚོད་འཛིན་བྱེད་མི་དགོས་པ་དང་། དེ་གནས་གསལ་བོ་ཡང་མ་ཤེས་ན་ཆོག

只需要根据自身的需求申请相应的资源即可
སོ་སོའི་དགོས་མཁོར་གཞིགས་ནས་བབ་མཚུངས་ཀྱི་ཐོན་ཁུངས་རེ་ཞུ་བྱས་ན་འགྲིག

提供资源的数据中心可以在任何一个地方
མཁོ་འདོན་ཐོན་ཁུངས་གྱི་གཞི་གྲངས་ལྟེ་གནས་ས་ཆ་གང་རུང་ཞིག་ཏུ་ཡོད་ན་ཆོག

特征四快速弹性
ཁྱད་ཆོས་བཞི་བ། འགྲོས་མྱུར་ལྡེམ་གཤིས།

在传统IT环境当中
སྲོལ་རྒྱུན་ITཁོར་ཡུག་ཁྲོད་

如果客户需要部署完整的一套业务系统
གལ་ཏེ་མཁོ་མཁན་གྱི་ལས་སྒོའི་མ་ལག་ཆ་ཚང་ཞིག་བཀོད་སྒྲིག་བྱེད་དགོས་ན་

需要做哪些工作呢
བྱ་བ་གང་དག་བསྒྲུབ་དགོས།

包含售前方案的制定 预算的评估
མ་བཙོང་སྔོན་གྱི་འཆར་གཞི་གཏན་འཁེལ་བྱེད་པ་དང་སྔོན་རྩིས་ཀྱི་དཔྱད་དཔོག་

设备及场地的购置与协调
སྒྲིག་ཆས་དང་གནས་ཡུལ་གྱི་ཉོ་སྒྲུབ་དང་མཐུན་སྦྱོར།

设备的安装和调试 业务的部署等
སྒྲིག་ཆས་སྒྲིག་སྦྱོར་དང་ལས་སྒོའི་བཀོད་སྒྲིག་སོགས་ཚུད་པ།

往往一个业务的部署需要花费几个星期
རྒྱུན་པར་ལས་སྒོ་ཞིག་གི་བཀོད་སྒྲིག་ལ་གཟའ་འཁོར་ཁ་ཤས་

几个月甚至几年的时间
ཟླ་བ་ཁ་ཤས་སམ་ཐ་ན་ལོ་ཤས་རིང་ལ་འགོར།

大大增加了人力成本和时间成本
མི་ཤུགས་ཀྱི་མ་གནས་དང་དུས་ཚོད་ཀྱི་མ་གནས་ཇེ་ཆེར་བཏང་།

但在云计算环境中部署业务
འོན་ཀྱང་སྤྲིན་རྩིས་ཁོར་ཡུག་ཁྲོད་ལས་སྒོ་བཀོད་སྒྲིག་བྱས་ན་

就省去很多传统IT环境部署业务的流程
སྲོལ་རྒྱུན་ITཁོར་ཡུག་བཀོད་སྒྲིག་ལས་སྒོའི་བརྒྱུད་རིམ་མང་པོ་བསྡུས་ཆོག

如设备与场地的购置与协调
དཔེར་ན། སྒྲིག་ཆས་དང་གནས་ཡུལ་ཉོ་སྒྲུབ་དང་མཐུན་སྦྱོར་བྱེད་པ།

以及设备的安装与调试等
དེ་བཞིན་སྒྲིག་ཆས་ཀྱི་སྒྲིག་སྦྱོར་དང་སྙོམ་སྒྲིག་ཚོད་ལྟ་སོགས།

部署服务所需要的能力均以资源服务的形式提供
བཀོད་སྒྲིག་ཞབས་ཞུ་ལ་མཁོ་བའི་ནུས་པ་ཚང་མ་ཐོན་ཁུངས་ཞབས་ཞུའི་རྣམ་པས་འདོན་སྤྲོད་བྱེད་པ།

而不是以真实的物理设备的形式
དོན་དངོས་ཀྱི་དང་དངོས་ལུགས་སྒྲིག་ཆས་རྣམ་པའི་ཐོག་ནས་མིན།

这样资源来自于服务供应商的云计算中心
དི་ལྟར་ཐོན་ཁུངས་ནི་ཞབས་ཞུ་མཁོ་འདོན་ཚོང་པའི་སྤྲིན་རྩིས་ལྟེ་གནས་།

有效地缩短了业务的部署和周期
ལས་སྒོའི་བཀོད་སྒྲིག་དང་དུས་འཁོར་ཇེ་ཐུང་དུ་བཏང་།

这就是云计算关键特征快速的具体体现
དེ་ནི་སྤྲིན་རྩིས་གནད་འགག་གི་ཁྱད་ཆོས་མགྱོགས་མྱུར་གྱི་ཞིབ་ཕྲའི་མཚོན་ཚུལ་ཡིན།

消费者还可以根据需求减少或增加资源的租赁
འཛད་སྤྱོད་པས་ད་དུང་དགོས་མཁོ་ལྟར་ཐོན་ཁུངས་བོགས་མ་ཇེ་ཉུང་དུ་ཡང་ན་ཇེ་མང་དུ་་གཏོང་ཐུབ།

从而实现云计算的关键特征弹性的表现
དེ་ནས་སྤྲིན་རྩིས་གནད་འགག་གི་ཁྱད་ཆོས་ལྡེམ་གཤིས་ཀྱི་མངོན་ཚུལ་མངོན་འགྱུར་བྱེད་པའོ།

特征五按使用付费
ཁྱད་ཆོས་ལྔ་བ། བེད་སྤྱོད་ལྟར་དངུལ་སྤྲོད་པ།

在云计算服务当中
སྤྲིན་རྩིས་ཞབས་ཞུའི་ནང་དུ་

为了促进资源的优化利用
ཐོན་ཁུངས་བེད་སྤྱོད་ལེགས་འགྱུར་བྱེད་པར་སྐུལ་འདེད་གཏོང་ཆེད་

将收费分为两种情况
དེས་གྲོན་བསྡུའི་གནས་ཚུལ་རིགས་གཉིས་སུ་དབྱེ།

一种是基于使用量的收费方式
གཅིག་ནི་བེད་སྤྱོད་ཀྱི་ཚད་ལ་གཞིགས་ནས་རིན་བསྡུ་ཐབས།

另一种是基于时间的收费方式
གཞན་ཞིག་ནི་དུས་ཚོད་ཀྱི་གྲོན་བསྡུའི་བྱེད་སྟངས་ལ་གཞིགས་ནས་རིན་བསྡུ་ཐབས།

云计算的分类
སྤྲིན་རྩིས་ཀྱི་རིགས་དབྱེ།

云计算的分类按照部署模式分类
སྤྲིན་རྩིས་ཀྱི་རིགས་དབྱེ་བཀོད་སྒྲིག་བྱེད་སྟངས་ལྟར་རིགས་དབྱེ་།

可以分为公有云 私有云 混合云
སྤྲིན་པ་སྤྱི་དབང་སྤྲིན་དང་།སྒེར་གྱི་སྤྲིན་དང་འདྲེས་སྤྲིན་དུ་དབྱེ་ཆོག།

下面我们来看一下什么是公有云 私有云 混合云
ང་ཚོས་གང་ཞིག་ལ་སྤྱི་དབང་སྤྲིན། སྒེར་སྤྲིན་དང་མཉམ་བསྲེས་ཀྱི་སྤྲིན་ཡིན་པར་བལྟ།

公有云 公有云用户以付费的方式
སྤྱི་དབང་སྤྲིན། སྤྱི་དབང་སྤྲིན་སྤྱོད་མཁན་གྱིས་དངུལ་སྤྲོད་སྟངས་

根据业务需求弹性使用IT分配的资源
ཞིགས་ནས་ལས་སྒོའི་དགོས་མཁོ་ལྡེམ་ཤུགས་ITབགོ་བཤའི་ཐོན་ཁུངས་བེད་སྤྱོད་།

སྤྱོད་མཁན་རང་ཉིད་ཀྱིས་མཁོ་འདོན་མི་དགོས།

硬件 软件等基础设施和后期维护
མཁྲེགས་ཆས་མཉེན་ཆས་སོགས་རྨང་གཞིའི་སྒྲིག་བཀོད་དང་དུས་མཇུག་གི་སྲུང་སྐྱོང་།

在任何时间 任何地方 多种的方式
དུས་ཚོད་གང་རུང་དང་ས་གནས་གང་རུང་གི་བྱེད་ཐབས་སྣ་ཚོགས་

以互联网的形式访问获取资源
ལ་བརྟེན་ནས་དྲ་སྦྲེལ་གྱི་རྣམ་པའི་ཐོག་ནས་ཐོན་ཁུངས་ཐོབ་པ།

公有云如同日常生活中按需购买使用水和电一样
སྤྱི་དབང་སྤྲིན་ནི་ཉིན་རྒྱུན་འཚོ་བའི་ཁྲོད་དུ་ཆུ་དང་གློག་ཉོ་བ་དང་འདྲ་

方便 快捷地享受服务
སྟབས་བདེའི་སྒོ་ནས་ཞབས་ཞུ་ལོངས་སུ་སྤྱོད།

私有云 私有云一般由一个组织来使用
སྒེར་དབང་སྤྲིན་སྒེར་ལ་དབང་བའི་སྤྲིན་དེ་སྤྱིར་བཏང་དུ་རྩ་འཛུགས་གཅིག་གིས་བཀོལ་སྤྱོད་བྱེད་ཀྱི་ཡོད།

同时由这个组织来运营
དུས་མཚུངས་སུ་རྩ་འཛུགས་འདིས་གཉེར་སྐྱོང་བྱས།

自己构建数据中心为组织内部使用
རང་ཉིད་ཀྱིས་གཞི་གྲངས་ལྟེ་གནས་བཙུགས་ནས་རྩ་འཛུགས་ནང་ཁུལ་དུ་བཀོལ་སྤྱོད་བྱེད་པ་

自己是运营者 同时也是使用者
རང་ཉིད་ནི་གཉེར་སྐྱོང་བྱེད་མཁན་ཡིན་ལ་དུས་མཚུངས་སུ་སྤྱོད་མཁན་ཡང་ཡིན།

也就是说使用者和运营者是一体的
དེ་ཡང་གསལ་པོར་བཤད་ན་བེད་སྤྱོད་བྱེད་མཁན་དང་གཉེར་སྐྱོང་མཁན་ནི་གཞི་གཅིག་ཡིན།

混合云 混合云是把公有云和私有云进行整合
མཉམ་བསྲེས་སྤྲིན། མཉམ་བསྲེས་སྤྲིན་ནི་སྤྱི་དབང་སྤྲིན་དང་སྒེར་བདག་སྤྲིན་མཉམ་སྒྲིག་བྱེད་ནས་

吸纳两者的优点
དེ་གཉིས་ཀྱི་དགེ་མཚན་བསྡུ་ལེན་བྱེད་ནས་

给企业带来真正意义上的云服务
ཁེ་ལས་ལ་དོན་སྙིང་ཐོག་གི་སྤྲིན་གྱི་ཞབས་ཞུ་འཁྱེར་ཡོང་བ།

混合云是未来发展的方向
མཉམ་བསྲེས་སྤྲིན་ནི་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན།

未来的云世界也是混合云的世界
མ་འོངས་པའི་སྤྲིན་འཇིག་རྟེན་ནི་མཉམ་བསྲེས་སྤྲིན་གྱི་འཇིག་རྟེན་ཡིན།

混合云既能解决企业在IT基础设施的巨大投入
མཉམ་བསྲེས་སྤྲིན་གྱིས་ཁེ་ལས་ITརྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་ཆེན་པོ་ཐག་གཅོད་བྱེད་ཐུབ།

又能解决公有云带来的数据安全等问题
སྤྱི་དབང་སྤྲིན་ལས་བྱུང་བའི་གཞི་གྲངས་བདེ་འཇགས་སོགས་ཀྱི་གནད་དོན་ཡང་ཐག་གཅོད་བྱེད་ཐུབ།

是避免企业变成信息孤岛的最佳的解决方案
ཁེ་ལས་ཆ་འཕྲིན་ཁེར་ཆགས་གླིང་ཕྲན་དུ་མི་འགྱུར་བར་བྱེད་པའི་ཐག་གཅོད་ཇུས་གཞི་ལེགས་ཤོས་ཡིན།

混合云强调基础设施是由两种或者多种云组成的
མཉམ་བསྲེས་སྤྲིན་ནན་བཤད་བྱས་པ་། རྨང་གཞིའི་སྒྲིག་བཀོད་ནི་རིགས་གཉིས་སམ་ཡང་ན་སྣ་ཚོགས་ལས་གྲུབ་པའི་

但对外呈现的是一个完整的整体
འོན་ཀྱང་ཕྱི་ཕྱོགས་སུ་མངོན་པ་ནི་ཆ་ཚང་བའི་ཚོགས་སྤྱི་ཞིག་ཡིན།

企业正常运营的时候
ཁེ་ལས་རྒྱུན་ལྡན་ངང་གཉེར་སྐྱོང་བྱེད་སྐབས་

把重要数据保存在自己的私有云里
གཞི་གྲངས་གལ་ཆེན་རང་ཉིད་སྒེར་ལ་དབང་བའི་སྤྲིན་གྱི་ནང་དུ་ཉར་ཚགས་བྱོས།

把不重要的信息或者是可以对外公开的信息
གལ་མི་ཆེ་བའི་ཆ་འཕྲིན་རམ་ཡང་ན་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་ཆོག་པའི་ཆ་འཕྲིན་ཡིན་ཕྱིན་

放在公有云里
སྤྱི་དབང་སྤྲིན་ནང་དུ་བཞག

两种云组合形成一个整体
སྤྲིན་སྡེབ་སྒྲིག་བྱེད་ནས་རིགས་གཉིས་ཧྲིལ་པོ་གཅིག་ཏུ་གྲུབ།

这就是混合云
དེ་ནི་མཉམ་བསྲེས་སྤྲིན་ཡིན།

第二种分类 按照服务模式分类
རིགས་གཉིས་པ། ཞབས་ཞུ་བྱེད་སྟངས་ལྟར་རིགས་དབྱེ།

我们可以分成基础设施即服务IaaS
ང་ཚོས་བགོས་ཆོག་རྨང་གཞིའི་སྒྲིག་བཀོད་སྟེ་ཞབས་ཞུ་IaaS

平台即服务PaaS 软件即服务SaaS
སྟེགས་བུ་ནི་ཞབས་ཞུ་PaaSམཉེན་ཆས་སྟེ་ཞབས་ཞུ་SaaS

首先我们来看一下什么是基础设施即服务
ཐོག་མར་ང་ཚོས་ཅི་ཞིག་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞབས་ཞུ་ལ་ལྟ་ཙམ་བྱེད་

基础设施即服务IaaS
རྨང་གཞིའི་སྒྲིག་བཀོད་ཏེ་ཞབས་ཞུIaaS

主要用户是系统管理员
སྤྱོད་མཁན་གཙོ་བོ་ནི་རྒྱུད་ཁོངས་དོ་དམ་པ་ཡིན།

他们具有专业知识能力
ཁོ་ཚོར་ཆེད་ལས་ཀྱི་ཤེས་ཡོན་ནུས་པ་ཡོད་

能够利用云提供的资源
སྤྲིན་གྱིས་འདོན་སྤྲོད་བྱས་པའི་ཐོན་ཁུངས་བེད་སྤྱོད་ཐུབ་པའི་

进行业务的部署或者简单的开发
བྱེད་སྒོའི་བཀོད་སྒྲིག་གམ་སྟབས་བདེའི་གསར་སྤེལ།

服务提供者提供给用户的服务是
ཞབས་ཞུ་མཁོ་འདོན་མཁན་གྱིས་སྤྱོད་མཁན་ལ་མཁོ་འདོན་ཞབས་ཞུ་བྱེད་པའི་ནི་

计算和存储基础设施
རྩིས་རྒྱག་དང་གསོག་འཇོག་རྨང་གཞིའི་སྒྲིག་བཀོད།

包括CPU 内存 存储 网络和其他基本的资源
CPUགསོག་ཉར་དྲ་རྒྱ་དང་གཞན་པའི་གཞི་རྩའི་ཐོན་ཁུངས་འདུས་རེད།

用户能够部署和运行任意的软件
སྤྱོད་མཁན་གྱིས་གང་འདོད་ཀྱི་མཉེན་ཆས་བཀོད་སྒྲིག་དང་འཁོར་སྐྱོད་བྱེད་ཐུབ།

包括操作系统和应用程序
བཀོལ་སྤྱོད་མ་ལག་དང་བཀོལ་སྤྱོད་གོ་རིམ་འདུས་རེད།

用户不管理或者是控制任何云的基础设施
སྤྱོད་མཁན་གྱིས་དོ་དམ་མི་བྱེད་པའམ་ཡང་ན་སྤྲིན་གང་རུང་ཚོད་འཛིན་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཡིན་

但是能够控制操作系统的选择
འོན་ཀྱང་བཀོལ་སྤྱོད་རྒྱུད་ཁོངས་ཀྱི་གདམ་ག་ཚོད་འཛིན་བྱེད་ཐུབ།

存储空间 部署的应用
གསོག་འཇོག་བར་སྟོང་བཀོད་སྒྲིག་གི་ཉེར་སྤྱོད།

也可获得有限的网络组件的管理和控制
ཚད་ཡོད་ཀྱི་དྲ་རྒྱའི་ལྷུ་ལག་དོ་དམ་དང་ཚོད་འཛིན་ཡང་ཐོབ་ཐུབ།

IaaS的典型式案例有
IaaSཀྱི་དཔེ་མཚོན་ཅན་གྱི་གྱོད་དཔེ་ཡོད།

Amazon Web Services提供的两个平台
AmazyWebServicesཡིས་འདོན་སྤྲོད་བྱས་པའི་སྟེགས་བུ་གཉིས།

弹性云服务EC2和简单存储服务S3
ལྡེམ་གཤིས་སྤྲིན་ཞབས་ཞུ་EC2དང་སྟབས་བདེའི་གསོག་འཇོག་ཞབས་ཞུ་S3།

EC2完成的是一种计算功能
EC2ལེགས་འགྲུབ་བྱུང་བ་ནི་རྩིས་རྒྱག་ནུས་པ་ཞིག་ཡིན།

S3完成的是存储功能
S3ལེགས་འགྲུབ་བྱུང་བ་ནི་གསོག་འཇོག་བྱེད་ལས་ཡིན།

平台即服务PaaS
སྟེགས་བུ་སྟེ་ཞབས་ཞུ་PaaS

主要用户是针对开发人员
སྤྱོད་མཁན་གཙོ་བོ་ནི་གསར་སྤེལ་མི་སྣ་ལ་དམིགས་ནས།

PaaS二次开发的平台
PaSགསར་སྤེལ་ཐེངས་གཉིས་པའི་སྟེགས་བུ་ནི་

以服务的形式提供给开发软件的用户使用
ཞབས་ཞུའི་རྣམ་པའི་ཐོག་ནས་གསར་སྤེལ་མཉེན་ཆས་སྤྱོད་མཁན་ལ་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱས།

开发人员不需要管理或控制
གསར་འབྱེད་མི་སྣར་དོ་དམ་དང་ཚོད་འཛིན་བྱེད་མི་དགོས་

底层的云计算基础设施
འོག་རིམ་གྱི་སྤྲིན་རྩིས་རྒྱག་རྨང་གཞིའི་སྒྲིག་བཀོད།

但是可以方便地使用
འོན་ཀྱང་བེད་སྤྱོད་གཏོང་སྐབས་

很多在构建应用时的必要的服务
དགོས་ངེས་ཀྱི་ཞབས་ཞུ་མང་པོ་སྟབས་བདེ་ངང་བེད་སྤྱོད་བྱས་ཆོག

能控制部署的应用程序开发平台
ཚོད་འཛིན་བཀོད་སྒྲིག་བྱས་པའི་ཉེར་སྤྱོད་བྱ་རིམ་གསར་སྤེལ་སྟེགས་བུ་

那么这就是平台即服务
དེ་ནི་ལས་སྟེགས་ཏེ་ཞབས་ཞུ་ཡིན།

也就是说这一层的用户
དེའང་རིམ་པ་འདིའི་སྤྱོད་མཁན་གྱིས་

我们不需要去对底层的云计算的基础设施
ང་ཚོས་འོག་རིམ་གྱི་སྤྲིན་རྩིས་རྒྱག་གི་རྨང་གཞིའི་སྒྲིག་བཀོད་ལ་

进行了解和掌控
རྒྱུས་ལོན་དང་ཚོད་འཛིན་བྱེད་མི་དགོས།

只需要去懂得我如何在这个平台上
ངས་སྟེགས་བུ་འདིའི་སྟེང་ནས་མ་ཇི་ལྟར་

来进行开发软件
ཉེན་ཆས་གསར་སྤེལ་བྱེད་དགོས་པ་ཤེས་དགོས།

PaaS的典型案例有微软的
PaaSཀྱི་དཔེ་མཚོན་གྱོད་དཔེ་ཡོད།

Visual Studio开发平台
VisualStudioགསར་སྤེལ་སྟེགས་བུ་

和Google App Engine的应用引擎平台
དང GoogleAppEngineབེད་སྤྱོད་སྒུལ་ཤུགས་སྟེགས་བུ།

第三种软件即服务SaaS
རིགས་གསུམ་པ་མཉེན་ཆས་ཏེ་ཞབས་ཞུ་SaaS

客户群体是普通用户
མཁོ་མཁན་ཚོགས་སྤྱི་ནི་སྤྱོད་མཁན་དཀྱུས་མ་ཡིན།

服务提供商提供给用户的服务是
ཞབས་ཞུ་མཁོ་འདོན་ཚོང་པས་སྤྱོད་མཁན་ལ་ཞབས་ཞུ་མཁོ་འདོན་བྱེད་པ་ནི་

运行在云计算基础设施上的应用程序
སྤྲིན་རྩིས་རྨང་གཞིའི་སྒྲིག་བཀོད་ཐོག་འཁོར་སྐྱོད་བྱེད་པའི་ཉེར་སྤྱོད་གོ་རིམ།

用户只需要通过终端设备接入使用即可
སྤྱོད་མཁན་ལ་མཁོ་བ་ནི་མཐའ་སྣེའི་སྒྲིག་ཆས་བཀོལ་སྤྱོད་བྱས་ན་འགྲིག་གི་རེད།

简单方便 不需要用户进行软件开发
སྟབས་བདེ། སྤྱོད་མཁན་གྱིས་གསར་སྤེལ་བྱེད་མི་དགོས་

也无需管理底层的资源
རིམ་པ་དམའ་ཤོས་ཀྱི་ཐོན་ཁུངས་དོ་དམ་ཡང་མི་དགོས།

比如我们通常所使用的office 365
དཔེར་ན་ང་ཚོས་རྒྱུན་དུ་བཀོལ་སྤྱོད་བྱེད་པའི་office365

滴滴打车 共享单车等应用软件都属于SaaS
ཏི་ཏི་གླ་བྱེད་རླངས་འཁོར། མཉམ་སྤྱོད་རྐང་འཁོར་སོགས་ཉེར་སྤྱོད་མཉེན་ཆས་ཚང་མ་SaaaSལ་དབང་བ།

那么在云平台上以office 365为例
སྤྲིན་སྟེགས་སྟེང་office365དཔེ་བྱེད་ནས་

他将Word Excel PowerPoint
ཁོས་WordExcelPowerPoint

Project PowerBI等等的
ProjectPowerBIསོགས་ཀྱི་

集成为企业所需的办公云平台
ཁེ་ལས་ལ་མཁོ་བའི་གཞུང་སྒྲུབ་སྤྲིན་སྟེགས་སུ་བསྡུས།

它不仅可以在线使用
དེ་དྲ་ཐོག་ནས་བཀོལ་ཆོག་པ་མ་ཟད་

也可以下载到本地以客户端形式使用
ཕབ་ལེན་བྱེད་ནས་ས་གནས་དེ་གའི་རྣམ་པའི་ཐོག་ནས་བཀོལ་སྤྱོད་བྱེད་ཆོག

是一套完整 容易入门 性价比高 支持混合部署
འཛུལ་སྒོའི་རང་བཞིན་དང་རིན་གོང་བསྡུར་ཚད་མཐོ་བའི་རྒྱབ་སྐྱོར་དང་མཉམ་བསྲེས་བཀོད་སྒྲིག་ཆ་ཚང་དང་

支持自定义的办公解决方案
མཚན་ཉིད་རང་འཇོག་གི་གཞུང་ལས་ཐག་གཅོད་ཇུས་གཞི་ཞིག་ཡིན།

与传统意义的office相比具有天壤之别
སྲོལ་རྒྱུན་གྱི་དོན་སྙིང་ལྡན་པའི་officeདང་བསྡུར་ན་གནམ་སའི་ཁྱད་པར་ཡོད།

这三种云服务之间的区别
སྤྲིན་ཞབས་ཞུ་རིགས་གསུམ་པོའི་བར་གྱི་ཁྱད་པར་

我们以一个例子来说明
ང་ཚོས་དཔེར་བརྗོད་ཅིག་གི་ཐོག་ནས་གསལ་བཤད་བྱ་རྒྱུ་ཡིན།

如果建立一个网站来完成我的相应的应用
གལ་ཏེ་དྲ་ཚིགས་ཤིག་བཙུགས་ནས་ངའི་བབ་མཚུངས་ཀྱི་ཉེར་སྤྱོད་ལེགས་གྲུབ་བྱེད་ཚེ་

不采用云服务
སྤྲིན་ཞབས་ཞུ་བེད་སྤྱོད་མི་བྱེད།

你所需要的投入大概是
རང་ལ་མཁོ་བའི་མ་དངུལ་ཕལ་ཆེར་ནི་

买服务器 安装服务器软件 编写网站程序
ཞབས་ཞུ་ཆས་ཉོ་བ་། ཞབས་ཞུ་ཆས་མཉེན་ཆས། སྒྲིག་སྦྱོར་དྲ་ཚིགས་བྱ་རིམ།

现在我们用云的这样的方式来进行
ད་ལྟ་ང་ཚོས་སྤྲིན་གྱི་བྱེད་སྟངས་འདི་འདྲར་བརྟེན་ནས་

如果采用IaaS服务
གལ་ཏེ་IaaSཞབས་ཞུ་སྤྱད།

那么意味着你就不用自己买服务器了
དེ་ན་ཁྱོད་ཀྱིས་རང་ཉིད་ཀྱིས་ཞབས་ཞུ་ཆས་ཉོ་མི་དགོས་

随便在哪家购买虚拟机
རང་འགར་གང་ནས་རྟོག་བཟོས་འཕྲུལ་འཁོར་ཉོ།

但是还要自己安装服务器软件进行程序的开发
ཡིན་ན་ཡང་། ད་དུང་རང་གིས་ཞབས་ཞུའི་མ་ལག་སྒྲིག་འཇུག་བྱས་ནས་གོ་རིམ་གསར་སྤེལ་བྱེད་དགོས།

如果你采用PaaS服务
གལ་ཏེ་ཁྱོད་ཀྱིས་PaaSཞབས་ཞུ་སྤྱད་ན་

那么意味着你不需要买服务器
དེ་ན་ཁྱོད་ཀྱིས་ཞབས་ཞུ་ཆས་ཉོ་མི་དགོས།

也不需要自己安装服务器软件
ཡང་རང་གིས་ཞབས་འདེགས་འཕྲུལ་ཆས་མཉེན་ཆས་སྒྲིག་སྦྱོར་བྱེད་མི་དགོས།

只需要自己开发网站程序即可
རང་གིས་དྲ་ཚིགས་ཀྱི་གོ་རིམ་གསར་སྤེལ་བྱས་ན་འགྲིག་གི་རེད།

如果我们再进一步针对我的应用
གལ་ཏེ་ང་ཚོས་ད་དུང་གོམ་གང་མདུན་སྤོས་ཀྱིས་ངའི་ཉེར་སྤྱོད་ལ་དམིགས་ནས་

购买某些在线的网络论坛或者是在线网站的服务
དྲ་ཐོག་གི་དྲ་རྒྱའི་གླེང་སྟེགས་ཁ་ཤས་སམ་ཡང་ན་དྲ་ཐོག་དྲ་ཚིགས་ཀྱི་ཞབས་ཞུ་ཉོ་བ།

这意味着你就不用自己开发网站程序
འདི་ལས་ཁྱོད་རང་ཉིད་ཀྱིས་དྲ་ཚིགས་གསར་སྤེལ་བྱ་རིམ་མི་དགོས་

只需要使用它们开发的好的程序
དེ་དག་གསར་སྤེལ་བྱེད་པའི་གོ་རིམ་ཡག་པོ་བེད་སྤྱོད་གཏོང་དགོས་ཆོག

而且他们会负责程序的升级 维护 增值服务等
མ་ཟད་། ཁོ་ཚོས་གོ་རིམ་གྱི་རིམ་སྤོར་སྲུང་སྐྱོང་གནས་ཐང་འཕར་བའི་ཞབས་ཞུ་སོགས་འགན་འཁུར་རྒྱུ་བྱེད།

那你只需要专心的运营即可
དེ་ན་རང་གིས་སེམས་རྩེ་གཅིག་གིས་ལས་གཉེར་བྱས་ན་འགྲིག་གི་འདུག

这种模式就是SaaS
རྣམ་པ་དེ་ནི་SaaSཡིན།

下面我们了解几个云计算的应用
གཤམ་ལ་ང་ཚོས་སྤྲིན་རྩིས་ཀྱི་ཉེར་སྤྱོད་འགའ་ཤེས་རྟོགས་བྱ།

现在典型的云计算产品有
ད་ལྟ་དཔེ་མཚོན་གྱི་སྤྲིན་རྩིས་ཐོན་རྫས་

Google云计算 Amazon云计算
Googleསྤྲིན་རྩིས་རྒྱག་Amaz་་སྤྲིན་རྩིས་རྒྱག་

华为云计算 阿里云计算 微软云计算
ཧྭ་ཝེ་ཡུན་སྤྲིན་རྩིས་རྒྱག ཨ་ལི་ཡུན་སྤྲིན་རྩིས་རྒྱག ལྦེ་རོན་སྤྲིན་རྩིས་རྒྱག

云计算的典型应用领域涉及到
སྤྲིན་རྩིས་ཀྱི་དཔེ་མཚོན་ཉེར་སྤྱོད་ཁྱབ་ཁོངས་

云交通 云通讯 云医疗 云教育
སྤྲིན་འགྲིམ་འགྲུལ། སྤྲིན་འཕྲིན་གཏོང་། སྤྲིན་སྨན་བཅོས། སྤྲིན་སློབ་གསོ་འབྲེལ་ཡོད།

在这几方面的应用我们一起来看看
ཕྱོགས་འདི་དག་གི་ཉེར་སྤྱོད་ང་ཚོས་མཉམ་དུ་ལྟོས་དང་།

案例一 云交通
གྱོད་དཔེ་དང་པོ། སྤྲིན་འགྲིམ་འགྲུལ།

随着科技的发展 智能化的推进
ཚན་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་

交通信息化已经成为国家布局当中的一部分
འགྲིམ་འགྲུལ་ཆ་འཕྲིན་ཅན་རྒྱལ་ཁབ་ཀྱི་བཀོད་སྒྲིག་ཁྲོད་ཀྱི་ཆ་ཤས་ཤིག་ཏུ་གྱུར།

通过初步搭建起来的交通云资源
ཐོག་མར་བསྐྲུན་པའི་འགྲིམ་འགྲུལ་སྤྲིན་ཐོན་ཁུངས་བརྒྱུད་ནས་

统一指挥 高效调度平台里的资源
གཅིག་གྱུར་གྱིས་ནུས་ཆེའི་བཀོད་གཏོང་ལས་སྟེགས་ནང་གི་ཐོན་ཁུངས་བཀོད་འདོམས་བྱེད།

处理交通堵塞 应对突发的事件处理等
འགྲིམ་འགྲུལ་འགག་ནས་གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད་བྱེད་པ་སོགས།

事件的效力得到了大大的提升
དོན་རྐྱེན་གྱི་ནུས་པ་མཐོར་འདེགས་ཆེན་པོ་བྱུང་།

云交通是指在云计算之中整合现有资源
སྤྲིན་འགྲིམ་འགྲུལ་ཞེས་པ་ནི་སྤྲིན་རྩིས་ཁྲོད་ད་ཡོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་

并能够针对未来的交通行业发展
མ་འོངས་པའི་འགྲིམ་འགྲུལ་ལས་རིགས་འཕེལ་རྒྱས་ལ་དམིགས་ནས།

整合将来所需求的各种硬件 软件 数据
འབྱུང་འགྱུར་མཁོ་བའི་སྲ་ཆས་མཉེན་ཆས་གཞི་གྲངས་སྣ་ཚོགས་སྡེབ་སྒྲིག་བྱས།

动态满足智慧交通中各应用系统
འགུལ་རྣམ་གྱིས་བློ་གྲོས་འགྲིམ་འགྲུལ་ཁྲོད་ཀྱི་ཉེར་སྤྱོད་མ་ལག་ཁག་སྐོང་བ།

针对交通行业的需求
འགྲིམ་འགྲུལ་ལས་རིགས་ཀྱི་དགོས་མཁོར་དམིགས།

基础建设 交通信息的发布 交通企业增值的服务
རྨང་གཞིའི་འཛུགས་སྐྲུན། འགྲིམ་འགྲུལ་ཆ་འཕྲིན་ཁྱབ་བསྒྲགས། འགྲིམ་འགྲུལ་ཁེ་ལས་ཀྱི་གནས་ཐང་འཕར་བའི་ཞབས་ཞུ།

交通指挥提供决策支持以及交通仿真虚拟等
འགྲིམ་འགྲུལ་བཀོད་འདོམས་ལ་ཐབས་ཇུས་ཀྱི་རྒྱབ་སྐྱོར་དང་དེ་བཞིན་འགྲིམ་འགྲུལ་འདྲ་བཟོ་སོགས།

交通云要能够全面提供开发系统资源的需求
འགྲིམ་འགྲུལ་སྤྲིན་གསར་སྤེལ་མ་ལག་ཐོན་ཁུངས་ཀྱི་དགོས་མཁོ་ཁྱོན་ཡོངས་ནས་མཁོ་འདོན་བྱེད་ཐུབ་དགོས།

能够快速满足突发系统的需求
ཐོལ་བྱུང་མ་ལག་གི་དགོས་མཁོ་མགྱོགས་མྱུར་སྐོང་ཐུབ།

云交通的贡献主要在
སྤྲིན་འགྲིམ་འགྲུལ་གྱི་ལེགས་སྐྱེས་གཙོ་བོ་

将借鉴全球先进的交通管理经验
གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་འགྲིམ་འགྲུལ་དོ་དམ་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ།

打造立体交通 彻底解决城市发展中的交通问题
ལངས་གཟུགས་འགྲིམ་འགྲུལ་སྐྲུན་ནས་གྲོང་ཁྱེར་འཕེལ་རྒྱས་ཁྲོད་ཀྱི་འགྲིམ་འགྲུལ་གནད་དོན་ཐག་གཅོད་བྱེད།

成熟的应用包括地下新型窄幅多轨地铁系统
སྨིན་གྱི་ས་འོག་གི་རྣམ་པ་གསར་པའི་ལམ་མང་ས་འོག་ལྕགས་ལམ་མ་ལག

电动步道系统 地面新型窄幅轨道交通
གློག་སྒུལ་རྐང་ལམ་མ་ལག ས་ངོས་ཀྱི་རྣམ་པ་གསར་པའི་འགྲིམ་འགྲུལ།

半空天桥人行交通 悬挂轨道交通
མཁའ་ཟམ་མཁའ་འགྲོ་འགྲིམ། འགྲུལ་འགེལ་བའི་འགྲིམ་འགྲུལ།

空中短程太阳能飞行器交通等
བར་སྣང་གི་ལམ་ཐག་ཐུང་བའི་ཉི་ནུས་འཕུར་སྐྱོད་འཕྲུལ་ཆས་འགྲིམ་འགྲུལ་སོགས།

这些在我们的实际的交通行业都已成熟的应用
དེ་དག་ང་ཚོའི་དངོས་ཡོད་ཀྱི་འགྲིམ་འགྲུལ་ལས་རིགས་ཚང་མ་བྱང་ཆུབ་པའི་ཉེར་སྤྱོད།

云交通中心将全面负责各种交通工具的管制
སྤྲིན་འགྲིམ་འགྲུལ་ལྟེ་གནས་འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་ཀྱི་རྩིས་སྤྲོད་དོ་དམ་ཁྱོན་ཡོངས་ནས་འགན་འཁུར་རྒྱུ།

并利用云计算中心
སྤྲིན་རྩིས་ལྟེ་གནས་བེད་སྤྱོད་བྱས་ནས་

向个体的云终端提供
སྒེར་གྱི་སྤྲིན་གྱི་མཐའ་སྣེ་ལ་

全面的交通引导和指示标识等服务
ཕྱོགས་ཡོངས་ཀྱི་འགྲིམ་འགྲུལ་ཁྲིད་སྟོན་དང་མཛུབ་སྟོན་མཚོན་རྟགས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད།

应用二 云通讯
ཉེར་སྤྱོད་གཉིས་བ་སྤྲིན་འཕྲིན་སྐྱེལ།

从现在各大通讯企业的云平台
ད་ལྟའི་འཕྲིན་གཏོང་ཁེ་ལས་སོ་སོའི་སྤྲིན་སྟེགས་ནས།

从我们身边接触的最多的例子来说
ང་ཚོའི་ཉེ་འགྲམ་དུ་འབྲེལ་འདྲིས་བྱས་པའི་དཔེ་མང་ཤོས་ལས་བཤད་ན།

用的最多的其实就是各种备份
སྤྱིར་བཀོལ་བ་མང་ཤོས་ནི་གྲབས་ཉར་སྣ་ཚོགས།

配置信息备份 聊天记录备份
ཆ་འཕྲིན་གྲབས་ཉར། གླེང་མོལ་ཟིན་ཐོ་གྲབས་ཉར་

照片等的云存储和共享
འདྲ་པར་སོགས་ཀྱི་སྤྲིན་གསོག་འཇོག་དང་མཉམ་སྤྱོད།

方便大家重置或者是更换手机的时候
སྟབས་བདེ་ཚང་མས་བསྐྱར་དུ་འཇོག་པའམ་ཡང་ན་ལག་ཐོགས་ཁ་པར་བརྗེ་དུས་

一键同步 一键还原 省去不少的麻烦
མཐེབ་གཅིག་གིས་གོམ་མཉམ། མཐེབ་གཅིག་གིས་སོག་ལོག རྙོག་དྲ་མི་ཉུང་བ་ཞིག་མེ་པར་བྱེད།

但是事实上处于信息技术快速发展的时代来说
འོན་ཀྱང་དོན་དངོས་ཐོག་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་དུས་རབས་ལ་མཚོན་ན།

我们接触到通讯云远不止这些
ང་ཚོས་འབྲེལ་གཏུག་བྱས་ནས་འཕྲིན་གཏོང་སྤྲིན་དེ་དག་ཙམ་གྱིས་མི་ཚད་པ།

云通讯是云计算概念的一个分支
སྤྲིན་འཕྲིན་གཏོང་ནི་སྤྲིན་རྩིས་དོན་སྤྱི་ཀྱི་ཡན་ལག་གཅིག

他是指用户利用SaaS的形式的
ཁོང་གིས་སྤྱོད་མཁན་གྱིས་SaaSཡི་རྣམ་པ་བེད་སྤྱོད་བྱས་པའི་

瘦客户端和智能客户端
རིད་པ་དུད་སྣེ་དང་ཤེས་རབ་ཅན་དུད་སྣེ།

通过现有局域网或者互联网线路进行通讯交流
ད་ཡོད་ཀྱི་ཁྱབ་ཆུང་དྲ་རྒྱའམ་དྲ་སྦྲེལ་སྐུད་ལམ་བརྒྱུད་དེ་འཕྲིན་གཏོང་སྤེལ་རེས་བྱས།

而无需经过传统PSTN
སྲོལ་རྒྱུན་གྱི་PSTNབརྒྱུད་མི་དགོས།

通讯线路的一种新型通讯方式
འཕྲིན་གཏོང་སྐུད་ལམ་གྱི་འཕྲིན་གཏོང་བྱེད་སྟངས་གསར་པ་ཞིག

在现今ADSL宽带 光纤 3G 4G
AADSLདྲ་ཆེན་འོད་སྐུད་3G4G

乃至我们发展的5G等
ཐ་ན་ང་ཚོས་འཕེལ་རྒྱས་ཀྱི་5Gསོགས།

高速数据网络日新月异的年代
མྱུར་བགྲོད་གཞི་གྲངས་དྲ་རྒྱ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་དུས་རབས།

云通讯给传统的电信运营商带来新的发展契机
སྤྲིན་འཕྲིན་གྱིས་སྲོལ་རྒྱུན་གྱི་གློག་འཕྲིན་གཉེར་སྐྱོང་ཚོང་པར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྦྱིན་པ།

应用三 云医疗
ཉེར་སྤྱོད་གསུམ་པ་སྤྲིན་སྨན་བཅོས།

如今云计算在医疗领域的贡献
ད་ཆ་སྤྲིན་རྩིས་སྨན་བཅོས་ཁྱབ་ཁོངས་ཀྱི་བྱས་རྗེས།

让广大医院和医生均赞不绝口
རྒྱ་ཆེའི་སྨན་ཁང་དང་སྨན་པ་ཚང་མར་བསྔགས་བརྗོད་བྱེད་དུ་འཇུག་པ།

从挂号到病例的管理
ཨང་ཐོ་འགོད་པ་ནས་ནད་བྱུང་དཔེ་ཡི་དོ་དམ་

从传统的询问病情到借助云系统会诊
སྲོལ་རྒྱུན་གྱི་ནད་གཞིའི་གནས་ཚུལ་ནས་སྤྲིན་གྱི་མ་ལག་ལ་བརྟེན་པ།

这一切的创新技术
གསར་གཏོད་ཀྱི་ལག་རྩལ་དེ་དག་ཚང་མ་

改变了传统医疗上的很多漏洞
སྲོལ་རྒྱུན་སྨན་བཅོས་ཐད་ཀྱི་སྐྱོན་ཆ་མང་པོ་འགྱུར་ལྡོག་བྱུང་

同时也方便了患者和医生
དུས་མཚུངས་སུ་ནད་པ་དང་སྨན་པ་ལའང་སྟབས་བདེ་བྱུང་།

云医疗在云计算等IT技术不断完善的今天
སྤྲིན་སྨན་བཅོས་ནི་སྤྲིན་རྩིས་སོགས་ITལག་རྩལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བའི་དེ་རིང་།

一般的IT环境可能已经不适合许多医疗应用
སྤྱིར་བཏང་གི་ITཁོར་ཡུག་སྨན་བཅོས་བཀོལ་སྤྱོད་མང་པོ་མི་འཚམ།

医疗行业必须要进一步建立专门满足
སྨན་བཅོས་ལས་རིགས་ཀྱིས་ངེས་པར་དུ་ཆེད་དམིགས་ཀྱི་

医疗行业安全性和可用性要求的医疗环境
སྨན་བཅོས་ལས་རིགས་ཀྱི་བདེ་འཇགས་རང་བཞིན་དང་སྤྱོད་གོ་ཆོད་པའི་རང་བཞིན་གྱི་རེ་འདུན་སྨན་བཅོས་ཁོར་ཡུག་དགོས་མཁོ་སྐོང་ཐབས་བྱ་དགོས།

那么这个环境使得我们的云医疗应运而生
དེ་ན་ཁོར་ཡུག་འདིས་ང་ཚོའི་ཡུན་སྨན་བཅོས་ཀྱི་ལས་དབང་།

它是IT信息技术不断发展的必然产物
དེ་ནི་ITཆ་འཕྲིན་ལག་རྩལ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བའི་ལྡོག་མེད་ཀྱི་ཐོན་དངོས་ཡིན།

也是今后医疗技术发展的必然方向
སླད་ཕྱིན་སྨན་བཅོས་ལག་རྩལ་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ཁ་ཕྱོགས་ཤིག་ཀྱང་ཡིན།

医疗云主要包括医疗健康信息平台
སྨན་བཅོས་སྤྲིན་གཙོ་བོ་སྨན་བཅོས་བདེ་ཐང་ཆ་འཕྲིན་ལས་སྟེགས་

云医疗远程诊断及会诊系统
སྤྲིན་སྨན་བཅོས་རྒྱང་རིང་ངོས་འཛིན་དང་དེ་བཞིན་མ་ལག

云医疗远程监护系统以及云医疗教育系统等
སྤྲིན་སྨན་བཅོས་རྒྱང་ཁྲིད་ལྟ་སྐྱོང་མ་ལག་དང་དེ་བཞིན་སྤྲིན་སྨན་བཅོས་སློབ་གསོའི་མ་ལག་སོགས་

已广泛使用
ཡོངས་ཁྱབ་ཏུ་བེད་སྤྱོད་བྱས་ཟིན།

万物互联课程列表:

第1章 万物互联简介

-第一节:互联网简介

--Video

-第二节上:互联网主要特点(上)

--Video

-第二节中:互联网主要特点(中)

--Video

-第二节下:互联网主要特点(下)

--Video

-第三节:什么是万物互联

--Video

-第四节:思科网络学院IoE在线课程互动游戏

--Video

-第1章 万物互联简介--第一章习题

第2章 万物互联支撑要素

-第一节 “事物”要素

--Video

-第二节上:“数据”要素(上)

--Video

-第二节下:“数据”要素(下)

--Video

-第三节 “人员”要素

--Video

-第四节 “流程”要素

--Video

-第2章 万物互联支撑要素--第二章习题

第3章 联所未连

-第0节:联所未连简介

--Video

-第一节:连接设备

--Video

-第二节上:配置设备(上)

--Video

-第二节下:配置设备(下)

--Video

-第三节:编程

--Video

-第3章 联所未连--第三章习题

第4章 过渡到IoE

-第一节 IoE连接

--Video

-第二节 实施IoE解决方案

--Video

-第三节 IoE的安全性

--Video

-第4章 过渡到IoE--第四章习题

第5章 人工智能

-第一节 人工智能

--人工智能

--人工智能讨论

-第二节 模式识别

--模式识别

--模式识别讨论

-第三节 深度学习

--深度学习

--深度学习讨论

-第四节 小节

--小节

--第五章 习题

第6章 大数据

-第一节 大数据的思维方式

--大数据的思维方式

--大数据思维作业

-第二节 大数据分析基础

--大数据分析基础

--大数据分析作业

第7章 云计算

-第一节 云计算概述

--云计算概述

-第二节 虚拟化技术

--虚拟化技术

-第三节 存储技术

--存储技术

第8章 复杂网络视角下的万物互联

-第一节 复杂网络

--复杂网络

-第二节 复杂网络视角下的万物互联

--复杂网络视角下的万物互联

云计算概述笔记与讨论

也许你还感兴趣的课程:

© 柠檬大学-慕课导航 课程版权归原始院校所有,
本网站仅通过互联网进行慕课课程索引,不提供在线课程学习和视频,请同学们点击报名到课程提供网站进行学习。